中文版 | 藏文版
当前位置 - > 首页 > 新闻资讯 > 医院新闻

青海省藏医住培基地举办第五期藏医住院医师规范化培训藏药材野外实践教学活动


日期:2023-07-10 17:37:08  点击:   所在栏目:医院新闻

野外实践教学活动

为使藏医住培医师更好的掌握藏药材鉴别知识,住培基地于2023年7月5日至9日在贵德江拉林场举行了第五期藏医住院医师规范化培训藏药材野外实践教学活动,由省藏医院副院长、基地副主任万玛拉旦领队,近130余名藏医住培医师参加。



༄༅།། ཞིང་ཆེན་བོད་ལུགས་སྨན་ཁང་གི་དཀའ་བཅུ་སྨན་པ་ཚད་ལྡན་གསོ་སྐྱོང་སློབ་མའི་སྨན་ངོ་ངོས་འཛིན་སྐབས་ལྔ་བ་རྨ་ཡུལ་ཁྲི་ཀའི་མགོན་རྒྱ་རུ་སྤེལ།

༢༠༢༣ལོའི་ཟླ༧ཚེས༦ཉིན་ནས་ཚེས་༨ཉིན། ཞིང་ཆེན་བོད་ལུགས་དཀའ་བཅུ་སྨན་པ་ཚད་ལྡན་གསོ་སྐྱོང་སློབ་མའི་སྐབས་ལྔ་བའི་སྨན་ངོ་ངོས་འཛིན་གྱི་བྱ་འགུལ་ཁྲི་ཀ་མགོན་རྒྱ་རུ་སྤེལ། ཐེངས་འདིའི་སྨན་ངོ་ངོས་འཛིན་ལ་སྨན་སྤྱི་གཞོན་པ་པདྨ་རབ་བརྟན་གྱིས་སྣེ་ཁྲིད་དེ་སྨན་ཁང་ཡོངས་ཀྱི་ནད་ཐོག་ཚན་ཁག་སོ་སོའི་དཀའ་བཅུ་སྨན་པ་བརྒྱ་ལྷག་ཞུགས།


ཞིང་ཆེན་དཀའ་བཅུ་སྨན་པའི་ཚད་ལྡན་གསོ་སྐྱོང་སློབ་མ་རྣམས་ཀྱིས་སྨན་ངོ་ངོས་འཛིན་གྱི་གོ་རིམ་ཁྲོད་དུ་རང་རེའི་གསོ་བ་རིག་པའི་གཞུང་ཆེན་ཀུན་གྱི་ཕྱི་མོར་གྱུར་པ་དཔལ་ལྡན་རྒྱུད་བཞིའི་དགོངས་དོན་གཞིར་བཟུང་སྟེ།  སྔོ་སྨན་རེ་རེའི་ངོས་འཛིན་མི་འདྲ་བ་དང་ཆགས་ལུགས། དྲི། རོ། ཁ་དོག སྐྱེ་གནས་སོགས་ལ་ཡུལ་དངོས་ནས་སློབ་སྦྱོང་བྱས་པར་མ་ཟད།   རྒན་རྣམ་པར་བཀའ་འདྲི་བྱས་ཏེ་སྨན་དུ་སྦྱར་བྱ་དང་སྔོ་ཆོལ་དུག་འདོན་སོགས་ཀྱི་ཐད་ནས་དོགས་གཞི་བསལ།

རྒྱུགས་བཤེར་མཇུག་རྫོགས་རྗེས་ཞིང་ཆེན་སྨན་ཁང་གི་རྒན་རིག་འཛིན་རྡོ་རྗེ་ལགས་ནས་སྨན་རྫས་ཀྱི་དམར་དཔེ་དག་ཞིབ་ཆ་དང་བཅས་སློབ་གྲོགས་ཀུན་ལ་ངོ་སྤྲོད་རྒྱས་པར་མཛད་ལ། ཁོང་གིས་བྱང་ཟུར་ལུགས་གཉིས་དང་། གནའ་དེང་གི་སྨན་ངོ་ངོས་འཛིན་ཚུལ་མི་འདྲ་བའི་ཐད་ནས་ཀུན་ལ་མཛུབ་སྟོན་གསལ་བོ་གནང་།


ཟླ༧པའི་ཚེས༨ཉིན་གྱི་སྔ་དྲོར། སྔོ་སྨན་དམར་དཔེ་བརྒྱད་ཅུ་དང་འབྲུ་སྨན་བཅུ་ཡི་སྨན་ངོ་ངོས་འཛིན་གྱི་རྒྱུགས་བཤེར་བྱས་པ་དང་།  རྒྱུགས་བཤེར་གོ་རིམ་ཁྲོད་སློབ་མ་རྣམས་ཀྱིས་སྨན་གྱི་ཆགས་དབྱིབས་དང་དྲི། རོ། ཁ་དོག་སོགས་ལ་བརྟེན་ནས་སྨན་ངོ་ངོས་འཛིན་བྱས་ཏེ་ཉིན་གཉིས་རིང་གི་སློབ་སྦྱོབ་འབྲས་བུ་རྒྱུགས་སྤྲོད་ཞུས།

ཟླ༧པའི་ཚེས༨ཉིན་གྱི་ཕྱི་དྲོ། ཐེངས་འདིའི་སྨན་ངོ་ངོས་འཛིན་བྱ་འགུལ་གྱི་སྤྱི་སྡོམ་ཚོགས་འདུ་འཚོགས་པ་དང་། ཚོགས་ཐོག་ཏུ་ཐེངས་འདིའི་སྨན་ངོ་ངོས་འཛིན་གྱི་རྒྱུགས་བཤེར་ཁྲོད་གྲུབ་འབྲས་དཔེ་ལེགས་ཐོབ་མཁན་གྱི་སློབ་གྲོགས་ཚོ་ཨང་རིམ་གསུམ་དུ་དགར་ཏེ་སློབ་གྲོགས་དྲུག་ལ་གཟེངས་བསྟོད་བྱ་དགའ་དང་། གཞན་མཛུབ་སྟོན་དགེ་རྒན་གསུམ་ལ་ཕུལ་བྱུང་མཛུབ་སྟོན་དགེ་རྒན་གྱི་བྱ་དགའ་བཅས་གནང་།

སྨན་ངོ་ངོས་འཛིན་གྱི་མགོ་མཇུག་བར་གསུམ་དུ་དཀའ་བཅུ་སྨན་པ་ཚོས་དུས་རྒྱུན་ནད་ཐོག་སློབ་སྦྱོང་གི་སྐབས་སུ་སློབ་མི་ཐུབ་པའི་ཤེས་བྱ་བློ་ཡིད་ཚིམ་པ་ཞིག་དང་།   སྨན་རིགས་ངོས་འཛིན་དང་འདུལ་སྦྱོང་བྱེད་ཐབས་སོགས་ལའང་སློབ་སྦྱོང་ཀྱི་སྐལ་བ་མི་དམན་པ་ཞིག་ཐོབ་པས་ཀུན་ནས་སྤྲོ་ཞིང་དགའ་བའི་ངང་མཇུག་སྒྲིལ། 





分享到:
上一篇:省委第二巡视组巡视省藏医院工作动员会议召开

下一篇:医路相伴 砥砺前行——双色球500期顺利完成2023年实习医师岗前培训工作

健康
热线

0971-8200897
7*24小时健康热线

0971-8201012
举报电话

hszyyjw@163.com
举报邮箱

关注
微信

关注公众号
顶部